当前位置: 首页 / 政务 / 基础信息公开 / 通告公示

2025

10/17

10:00

来源:

拉萨市人民政府办公室

【字体:

浏览量:

标签

2026年,拉萨要办哪些民生实事您说了算!快来提意见

相关链接:

随着拉萨市2025年20件民生实事稳步推进实施,拉萨民生事业取得进一步发展和提升,人民群众获得感更加充实、幸福感更有保障、安全感更可持续。

即将到来的2026年,既是“十五五”开局之年,也是基本实现社会主义现代化夯实基础、全面发力关键时期的起步之年。您对拉萨有什么新期盼?您对来年生活有什么新期待?在教育惠民、医疗卫生、就业创业、养老托幼等与广大群众生活息息相关的民生领域又有什么新的想法建议?

为深入践行以人民为中心的发展思想,更好满足各族群众对美好生活的向往,让民生工作更加可感可及,让群众生活更有温度质感,拉萨市人民政府督查室现面向全市广大干部群众公开征集2026年民生实事项目意见建议。

征集时间

即日起至11月30日

二、征集内容

广大干部群众可围绕“共建中华民族共同体、宜居城市、产业发展、乡村振兴、就业创业、教育惠民、医疗卫生、养老托幼、扶弱济困”等相关方面,推荐2026年民生实事项目,提出具体意见建议。

本次征集按照“突出普惠性、体现时效性、注重可行性”的原则,征集人民群众最关心、最直接、最急需解决的民生问题。意见建议应符合国家法律法规和现行政策。

三、征集方式

(一)扫描下方二维码填写征集问卷


(二)书信邮寄至“拉萨市城关区纳金街道江苏大道69号市政府督查室”,邮政编码为850000,请在信封上注明“2026年民生实事意见建议”字样。

拉萨市人民政府办公室

2025年10月17日

2026ལོར་ལྷ་སས་དམངས་འཚོའི་དོན་དག་གང་ཞིག་སྒྲུབ་དགོས་མིན་ཁྱེད་རང་གིས་བཤད་པར་ཆ་བཞག་རྒྱུ་ཡིན།གང་མགྱོགས་བསམ་འཆར་འདོན་པར་ཕེབས་ཤོག

2025ལོའི་ལྷ་ས་གྲོང་ཁྱེར་གྱི་དམངས་འཚོའི་བྱ་བ་དངོས20བརྟན་པོའི་ངང་ལག་བསྟར་བྱས་པ་དང་བསྟུན་ནས་ལྷ་སའི་དམངས་འཚོའི་བྱ་གཞག་ལ་སྔར་བས་གོང་འཕེལ་དང་རིམ་སྤོར་བྱུང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་སྔར་བས་ཆེ་རུ་ཕྱིན་ཡོད་ལ། བདེ་སྐྱིད་ཚོར་སེམས་ཐད་སྔར་བས་འགན་ལེན་བྱུང་བ་དང་། བདེ་འཇགས་ཚོར་སེམས་ཐད་སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད།

འཆར་ཉེར་ཡོད་པའི2026ལོ་ནི་ལོ་ལྔ་ཚན་བཅོ་ལྔ་པའི་འགོ་ཚུགས་ལོ་ཞིག་ཡིན་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་རྨང་གཞི་བརྟན་དུ་གཏོང་བ་དང་།ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཀྱི་འགོ་འཛུགས་ལོ་ཞིག་ཀྱང་ཡིན། ཁྱེད་རང་ལ་ལྷ་སའི་འགྱུར་ལྡོག་ཐད་རེ་སྒུག་གསར་པ་གང་ཡོད། ཁྱེད་ཀྱིས་ཕྱི་ལོའི་འཚོ་བར་རེ་སྒུག་གསར་པ་ཅི་ཞིག་ཡོད། སློབ་གསོའི་དམངས་ཕན་ཐད་དང་། སྨན་བཅོས་འཕྲོད་བསྟེན། ལས་ཞུགས་ལས་གཏོད། རྒན་གསོ་བུ་བཅོལ་སོགས་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་དམངས་འཚོའི་ཁྱབ་ཁོངས་སུ་བསམ་ཚུལ་དང་གྲོས་འགོ་གསར་པ་གང་ཞིག་ཡོད་དམ།

མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་ལག་ལེན་གཏིང་ཟབ་བསྟར་ནས་མི་རིགས་ཁག་གི་མི་དམངས་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་བས་ལེགས་པར་སྐོང་བ་དང་། དམངས་འཚོའི་ལས་དོན་ཤེས་ཚོར་ཐུབ་པ། མང་ཚོགས་འཚོ་བ་སྔར་བས་དྲོ་སྐྱིད་ལྡན་པ་བཅས་ཡོང་ཆེད། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་ལྟ་སྐུལ་ཞིབ་བཤེར་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཕྱོགས་ནས2026ལོའི་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ཀྱི་བསམ་འཆར་དང་གྲོས་འགོ་ཡོངས་བསྒྲགས་ངང་བསྡུ་ལེན་བྱ་རྒྱུ་ཡིན།

གཅིག།བསྡུ་ལེན་གྱི་དུས་ཚོད།

དེ་རིང་ནས་བཟུང་ཟླ11ཚེས30ཉིན་བར།

གཉིས།བསྡུ་ལེན་གྱི་ནང་དོན།

རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་མཉམ་སྐྲུན་དང་། འཚོ་སྡོད་ལ་འཚམ་པའི་གྲོང་ཁྱེར། ཐོན་ལས་གོང་སྤེལ། གྲོང་གསེབ་དར་རྒྱས། ལས་ཞུགས་ལས་གཏོད། སློབ་གསོའི་དམངས་ཕན། སྨན་བཅོས་འཕྲོད་བསྟེན། རྒན་གསོ་བུ་བཅོལ། ཞན་སྐྱོར་དཀའ་སེལ་སོགས་འབྲེལ་ཡོད་གནད་དོན་ཐད་ལ་དམིགས་ཏེ། 2026ལོའི་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་འོས་སྦྱོར་བྱས་ནས་ཞིབ་ཕྲའི་བསམ་འཆར་དང་གྲོས་འགོ་འདོན་ཆོག

ད་ཐེངས་ཀྱི་བསྡུ་ལེན་དེ་ཀུན་ཕན་རང་བཞིན་དང་དུས་ནུས་རང་བཞིན་མངོན་གསལ་དོད་པ།ལག་ལེན་བསྟར་འཐུས་རང་བཞིན་ལ་སྣང་ཆེན་བཅས་ཀྱི་རྩ་དོན་གཞིར་བཟུང་། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ཀྱི་ཆེས་ཁ་ཚ་དགོས་གཏུགས་ཀྱི་དམངས་འཚོའི་གནད་དོན་བསྡུ་ལེན་བྱ་རྒྱུ་ཡིན།ལྷན་རྒྱས་ནས་བཏོན་པའི་བསམ་འཆར་དང་གྲོས་འགོ་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ད་ལྟ་སྤྱོད་བཞིན་པའི་སྲིད་ཇུས་དང་མཐུན་དགོས།

གསུམ།བསྡུ་ལེན་བྱེད་སྟངས།

(གཅིག)གཤམ་གྱི་རྩ་གཉིས་རྟགས་རིས་བཤེར་ནས་བསམ་འཆར་བསྡུ་ལེན་འདྲི་ཤོག་སྐོང་རོགས།


(གཉིས)ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུད་རྔ་ཆེན་ཁྲོམ་གཞུང་ཅང་སུའུ་ལམ་ཆེན་སྒོ་རྟགས་ཨང་69པའི་གྲོང་ཁྱེར་སྲིད་གཞུང་ལྟ་སྐུལ་ཞིབ་བཤེར་ཁང་དུ་འཕྲིན་ཡིག་བསྐུར་ཆོགསྦྲག་སྲིད་ཨང་གྲངས་ནི850000 ཡིག་སྐོགས་ཐོག2026ལོའི་དམངས་འཚོའི་བྱ་བ་དངོས་ཀྱི་བསམ་འཆར་དང་གྲོས་འགོ་ཞེས་གསལ་པོ་འབྲི་རོགས།

ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

                         2025ལོའི་ཟླ10ཚེས་17ཉིན།

责任编辑:陈灏

【我要纠错】【打印本文】【关闭】

感谢您对拉萨市人民政府网的关注,如发现内容有误,请发送邮件至:lssysqgk@163.com

X

扫一扫在手机打开当前页

扫一扫在手机打开当前页

点赞

收藏