当前位置: 首页 / 政务 / 基础信息公开 / 通告公示

2023

09/08

20:50

来源:

བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོས།

【字体:

浏览量:

标签

ལྟ་ཞིབ་གསལ་བསྒྲགས།

相关链接:

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆོག་མཆན་གནང་བ་བརྒྱུད། རེས་སྐོར་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། རེས་སྐོར་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོས་2023ལོའི་ཟླ་9ཚེས་7ཉིན་ནས་ཟླ་9ཚེས་26ཉིན་བར་ལྷ་ས་གྲོང་ཁྱེར་དུ་རེས་སྐོར་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་དང་པོ་དེ་བྱ་རྒྱུ་རེད།

ཡིག་སྐུར་ཞུ་བཅར་བདག་སྤྲོད་བྱེད་ཁོངས། ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཁ་པར་དང་ཡིག་སྐུར་ཞུ་བཅར་གྱི་ཐེར་འདོན་བདག་སྤྲོད་བྱ་རྒྱུ་ཡིན། བདག་སྤྲོད་བྱེད་ཁོངས་སུ་མི་གཏོགས་པའི་ཡིག་སྐུར་ཞུ་བཅར་གྱི་ཐེར་འདོན་གནད་དོན་གཞན་དག་གཏན་འབེབས་ལྟར་ལྷ་ས་གྲོང་ཁྱེར་ལ་རྩིས་སྤྲོད་བྱ་རྒྱུ།

ལྟ་ཞིབ་བྱེད་རིང་། ལྟ་ཞིབ་ཚོགས་ཆུང་གི་ཆེད་དོན་ཁ་པར་ཨང་གྲངས་ནི་0891-6558932དང་།  སྦྲག་སྲིད་ཡིག་སྒམ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུད་ཀྱི་ཡིག་སྒམ་ཨང་A038ཡིན།

ལྟ་ཞིབ་ཚོགས་ཆུང་གིས་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ནི། ཉིན་ལྟར་ཆུ་ཚོད་09:00ནས་21:00བར་ཡིན། ཡིག་སྐུར་ཞུ་བཅར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཟླ་9ཚེས་26ཉིན་བར་ཡིན།

རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་འཕྲིན་ཡིག་དང་ཁ་པར་ཐོག་ནས་གནད་དོན་གོང་ཞུ་དང་ཁུངས་སྣེ་མཁོ་འདོན་གནང་རྒྱུར་དགའ་བསུ་ཞུ།

དེ་དོན་གསལ་བསྒྲགས་འདི་ཆེད་དུ་སྤེལ་བ་ཡིན།

བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོས།

2023ལོའི་ཟླ་9ཚེས་7ཉིན།

责任编辑:陈灏

【我要纠错】【打印本文】【关闭】

感谢您对拉萨市人民政府网的关注,如发现内容有误,请发送邮件至:lssysqgk@163.com

X

扫一扫在手机打开当前页

扫一扫在手机打开当前页

点赞

收藏