མིག་སྔའི་གནས་ས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། / ཆ་འཕྲིན་ཡོངས་བསྒྲགས། / སྲིད་ཇུས་ཡིག་ཆ།

ལྷ་ས་གྲོང་ཁྱེར་ཆུ་བེད་ཁོངས་གཏོགས་ཀྱིས་ཆུ་བསྲི་ལས་ཁུངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

ཁྱབ་བསྒྲགས་དུས་ཚོད། 2020-04-23 17:37
ཆ་འཕྲིན་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
ཆེ། འབྲིང་།ཆུང་།

ལྷ་ས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཆུ་དཔྱད་དང་ཆུའི་ཐོན་ཁུངས་ཁོའོ་ཡི་བཟོ་བཀོད་པ་དགེ་འཛིན་འཕྲིན་ལས་ཀྱིས“སྒྱུར་བཀོད་མ་བྱས་གོང་། ལས་ཁུངས་ཀྱི་སྒོ་རར་ཆུ་གང་སར་འཛགས་པའི་སྣང་ཚུལ་ཐོན་པ་མ་ཟད། ད་དུང་ཆུ་བསྲི་ཚགས་ཀྱི་འདུ་ཤེས་ཟབ་མོ་མེད་པས་ཆུའི་ཐོན་ཁུངས་འཕྲོ་བརླག་འགྲོ་ཡི་ཡོད། ད་ཆ། ང་ཚོས་ཆུ་བསྲི་ལས་ཁུངས་བསྐྲུན་པ་བརྒྱུད། ཆུ་འཕྲོ་བརླག་འགྲོ་བའི་སྣང་ཚུལ་གཏན་འགོག་ཐུབ་ཡོད། ད་ཆ་ང་ཚོས་ཐོག་ཁང་རེར་ཇ་ལྷག་ཆུ་ལྷག་བླུག་སའི་ལྕགས་སྒམ་བཞག་ཡོད་པས། ཇ་ལྷག་ཀྱི་རྩྭ་རྩི་ཤིང་ལ་རྒྱག་གི་ཡོད”ཅེས་བརྗོད། ཉེ་འགྲམ་གྱི་འགྱུར་ལྡོག་དེ་དག་ལ་ཁོང་གིས་རྒྱུས་མངའ་ཤིན་ཏུ་ཆེན་པོ་ཡོད། ད་ཆ་ཆུ་བསྲི་ལས་ཁུངས་འཛུགས་སྐྲུན་ལ་བརྟེན་ནས་ཆུ་ལ་བསྲི་ཚགས་བྱེད་པའི་ལས་ཕྱོད་ཆེ་རུ་གཏོང་བ་དང་ཆུ་གང་བྱུང་དུ་མི་གཤོ་བ་ལྷ་སའི་གྲོང་མི་མང་པོ་ཞིག་གི་ཐུན་མོང་གི་ངོས་འཛིན་ལ་གྱུར་ཡོད།

ཟླ་4པར་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་རྩྭ་རྩི་ཤིང་ལ་ཆུ་རྒྱག་པའི་ནམ་དུས་ཡིན་ཞིང་། སྤོ་བོ་གླིང་ག་ལམ་དུ་གནས་པའི་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་གཞུང་ལས་ཐོག་ཁང་གི་མདུན་དུ་ཆར་ཆུ་གསོག་སྒམ་བཞག་ཡོད་པ་དང་། དེའི་ནང་གི་ཆུ་འཛུལ་རྗེས་རྩྭ་རྩི་ཤིང་ལ་རྒྱག་ཆོག་ཅིང་། དགེ་འཛིན་འཕྲིན་ལས་ཀྱིས“ཆར་ཆུ་གསོག་སྒམ་དེ་འདྲར་ཆུ་ཏུན་3ཤོང་གི་ཡོད། དེ་སྔ་ཆར་ཆུ་དང་གངས་ཆུ་གང་སར་རྒྱུག་པ་དེ་ཡང་ཐོན་ཁུངས་འཕྲོ་བརླག་བཏང་བ་ཞིག་རེད། ད་ཆ་ཆར་ཆུ་གསོག་སྒམ་གྱི་ཆུ་སྒོ་རའི་རྩྭ་རྩི་ཤིང་ལ་རྒྱག་ཆོག་གི་ཡོད་པས། ཆུའི་ཐོན་ཁུངས་བེད་སྤྱོད་ནུས་ལྡན་ཐུབ་ཡོད”ཅེས་ངོ་སྤྲོད་བྱས།

དེས་མ་ཟད། གྲོང་ཁྱེར་ཆུ་བེད་ཅུས་ཀྱི་གཞུང་ལས་ཐོག་ཁང་དུ“ཆུར་གྲོན་ཆུང་གནང་རོགས”ཞེས་པའི་ཤ་ཚའི་དྲན་སྐུལ་མཐོང་རྒྱུ་ཡོད་པ་དང་། ཆུ་བསྲི་ཚགས་རྣམ་པའི་ཐོན་རྫས་ཁྱབ་གདལ་བཀོལ་སྤྱོད་དང་དེ་བཞིན་གསར་སྒྱུར་སྒྱུར་བཀོད་ཀྱི་དམིགས་ཡུལ་སྐོར་གླེང་སྐབས། གྲོང་ཁྱེར་ཆུ་བེད་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་དང་ཅུས་ཀྲང་གཞོན་པ་ཐེང་པའོ་ཐིན་གྱིས“དོན་དག་ཆུང་ཙག་མང་པོ་ཞིག་ལས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཆུ་བསྲི་ཚགས་ཀྱི་ལག་རྩལ་སྲིད་ཇུས་དང་ལག་རྩལ་ཚད་གཞི་ལག་བསྟར་བྱེད་པའི་ང་ཚོའི་ཆོད་སེམས་དང་ལག་བསྟར་བྱེད་ཤུགས་མཚོན་ཡོད། ཆུ་བསྲི་ཚགས་རྣམ་པའི་ཆུ་བྱད་དང་ཆུ་བསྲི་ཚགས་ཀྱི་ལག་རྩལ་གསར་པ་དང་བཟོ་རྩལ་གསར་པར་ཁྲིད་སྟོན་དང་ཁྱབ་གདལ་ཧུར་ཐག་གཏོང་བ་ནི། མི་ཚང་མར་ཆུ་བསྲི་ཚགས་རྣམ་པའི་ལས་ཁུངས་འཛུགས་སྐྲུན་བརྒྱུད། རང་འགུལ་ངང་ཆུ་བསྲི་ཚགས་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལས་ཀར་ཞུགས་ཏེ་ཆུ་བསྲི་ཚགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཆུར་གྲོན་ཆུང་བྱེད་པའི་གོམས་གཤིས་བཟང་པོ་འཇགས་པར་བྱས་ནས་ཆུར་གྲོན་ཆུང་བྱེད་པའི་རྣམ་པ་བཟང་པོ་གཏོད་ཆེད་རེད”ཅེས་ངོ་སྤྲོད་བྱས།

མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་ཆུ་བསྲི་ཚགས་ལས་ཁུངས་བསྐྲུན་ནས་འདམ་གཞུང་རྫོང་དང་། སྟག་རྩེ་ཆུས། སྙེ་མོ་རྫོང་། གྲོང་ཁྱེར་ཆུ་བེད་ཅུས་བཅས་སུ་ཁག་སོ་སོར་ཆུ་བསྲི་ཚགས་རྣམ་པའི་ལས་ཁུངས་འཛུགས་སྐྲུན་ཚོད་ལྟ་བྱས་ཡོད་པ་རེད། སླད་ཕྱིན་ལྷ་ས་གྲོང་ཁྱེར་གྱིས“ཆུ་གྲོན་ཆུང་སྔོན་ལ་འཇོག་པ་དང་། བར་མཐོངས་དོ་སྙོམས། ཁོངས་གཏོགས་བཅོས་སྐྱོང་། ཕྱོགས་གཉིས་ནས་ཤུགས་རྒྱག་པ”བཅས་ཀྱི་ཆུ་བཅོས་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ཏེ། “ཆུས་ཁེངས་པའི་སྣོད”དང“ཆུ་སྣོད་ནང་གི་ཆུ”ལ་བདག་པོ་ཡག་པོ་རྒྱག་པ་དང་བསྡོམས་འབོར་ཐད་ནས་ཆུའི་ཐོན་ཁུངས་ཀྱི་ཟད་ཚད་ཉུང་དུ་བཏང་སྟེ་ཆུ་ལ་གཅེས་སྤྲས་དང་། མཐོང་ཆེན། གྲོན་ཆུང་། སྲུང་སྐྱོང་བཅས་བྱེད་པའི་དར་སྲོལ་གསར་པ་ཆགས་པར་འདེགས་སྐྱོར་བྱེད་རྒྱུ་རེད།

འགན་ཁུར་རྩོམ་སྒྲིག བ་ཚེ་རིང་།

བཤེར་ནས་ལག་ཐོགས་ཁ་པར་གྱི་ཁ་ཕྱེ།