མིག་སྔའི་གནས་ས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། / ཆ་འཕྲིན་ཡོངས་བསྒྲགས། / བརྡ་ཐོ་སྤྱི་བསྒྲགས།

ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་འགོ་བཙུཌ་པ།

ཁྱབ་བསྒྲགས་དུས་ཚོད། 2020-04-23 17:47
ཆ་འཕྲིན་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
ཆེ། འབྲིང་།ཆུང་།

ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཚེས་19ཉིན་ནས་བཟུང་། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས“དུས་བདེའི་འགྲིམ་འགྲུལ། ཉིན་བརྒྱའི་མཉམ་འཐབ”ཅེས་པའི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་འགོ་ཚུགས་ནས། གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་ཁག་ཏུ་འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་དང་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་མི་ཤི་ཚད་ཉུང་དུ་གཏོང་བ་དང་། གཞུང་ལམ་འགྲིམ་འགྲུལ་ཤར་གཏོང་ཐུབ་ནུས་དང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅོས་སྒྲིག་གི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས། གྲོང་མིའི་ཕྱིར་སྐྱོད་ཀྱི་བདེ་འཇགས་ཚོར་སེམས་དང་ཐོབ་ཚོར་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།

“དུས་བདེའི་འགྲིམ་འགྲུལ། ཉིན་བརྒྱའི་མཉམ་འཐབ”ཅེས་པའི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་འགྲིམ་འགྲུལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གཅིག་ཀྱང་མེད་པར་བཟོ་བ་སོགས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་འཁོར་རིགས་ཁྲིམས་འཛིན་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ལེགས་སུ་བཏང་ནས། “རླངས་འཁོར་མཐོང་ན་ཞིབ་བཤེར་བྱེད་ངེས་དང་། དོགས་པ་ཡོད་ན་རྩད་ཞིབ་བྱེད་ངེས། ཁྲིམས་དང་འགལ་ན་ཞིབ་གཅོད་བྱེད་ངེས”བཅས་བྱེད་རྒྱུ་མ་ཟད། ད་དུང་ཉེན་རྟོག་དང་སྨྱན་སྦྱོར་དབར་གྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འགལ་འཁོར་རིགས་དང་། ལས་འཛོལ་ཐོན་པའི་དཔེ་མཚོན་གྱོད་དཔེ། ལས་འཛོལ་མང་པོ་ཐོན་པའི་ལམ་དུམ། ཉེན་ཁ་ཆེ་བའི་སྐྱེལ་འདྲེན་ཁེ་ལས་སོགས་ནང་དོན་གཙོ་བོར་བཟུང་ནས་ཐེར་འདོན་བྱེད་རྒྱུ་ཡིན་པ་རེད།

འགན་ཁུར་རྩོམ་སྒྲིག བ་ཚེ་རིང་།

བཤེར་ནས་ལག་ཐོགས་ཁ་པར་གྱི་ཁ་ཕྱེ།