མིག་སྔའི་གནས་ས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། / ཆ་འཕྲིན་ཡོངས་བསྒྲགས། /  གསར་འགྱུར་འགུལ་རྣམ།

ལྷ་སའི་རྒྱལ་ཁབ་རིམ་པའི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭ་ཐོག་མའི་སྒོ...

ཁྱབ་བསྒྲགས་དུས་ཚོད། 2020-05-15 16:11
ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
ཆེ། འབྲིང་།ཆུང་།

ཚེས་9ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་གྱི“རྒྱལ་ཁབ་རིམ་པའི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭ”ཐོག་མ་ལྷ་ས་ཅང་སུའུ་སློབ་འབྲིང་དུ་སྒོ་བྱང་བཀལ་བ་རེད།

སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་རང་སྐྱོང་ལྗོངས་ས་ཡོམ་ཅུས་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཀྲང་ཅུན་གྱིས་ལྷ་ས་ཅང་སུའུ་སློབ་འབྲིང་ལ་ཀྲུང་གོ་ས་ཡོམ་ཅུས་ཀྱིས་སྤྲད་པའི“རྒྱལ་ཁབ་རིམ་པའི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭའི”སྒོ་བྱང་སྤྲད་པ་རེད། ཀྲུང་གོ་ས་ཡོམ་ཅུས་ཀྱི་བོད་སྐྱོར་རིགས་གཅིག་མཁས་ཅན་དང་རང་སྐྱོང་ལྗོངས་ས་ཡོམ་ཅུས་གནོད་འཚེ་སྔོན་འགོག་ལྟེ་གནས་ཀྱི་མཐོ་རིམ་བཟོ་སྐྲུན་པ་ཝང་ཅིས་སློབ་གྲྭ་དེའི་དགེ་སློབ་ཚོར《ས་ཡོམ་གྱི་གཞི་རྩའི་ཤེས་བྱ》ཆེད་དོན་འཆད་ཁྲིད་བྱས་པ་དང་ལྷ་ས་ཅང་སུའུ་སློབ་འབྲིང་གི་དགེ་སློབ་100ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་རེད།


འགན་ཁུར་རྩོམ་སྒྲིག བསྟན་ནོར།

བཤེར་ནས་ལག་ཐོགས་ཁ་པར་གྱི་ཁ་ཕྱེ།