མིག་སྔའི་གནས་ས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། / ཆ་འཕྲིན་ཡོངས་བསྒྲགས། /  གསར་འགྱུར་འགུལ་རྣམ།

ཡུལ་སྐོར་བ་དགའ་སྤྲོའི་དཔལ་ལ་རོལ། ཞིང་འབྲོག་པ་ཕྱུག་པོའི་ལམ་དུ་བསྐྱོད།

ཁྱབ་བསྒྲགས་དུས་ཚོད། 2020-03-18 16:22
ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
ཆེ། འབྲིང་།ཆུང་།

   —— སྟག་གདོང་གྲོང་ཚོའི་དབུལ་སྐྱོར་ཕྱོཌ་བསྡུས(ཡུལ་སྐོར)གསར་སྤེལ་རྣམ་གྲངས་ལ་ཕན་འབྲས་ཐོན་པའི་དངོས་བྲིས།

    2019ལོའི་ལོ་སྟོད་ནས་བཟུང་། སྟག་གདོང་གྲོང་ཚོས“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས། རང་ངོས་ཐོན་རྫས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། “དགུན་དུས་བོད་དུ་ཡུལ་སྐོར་བྱེད། སྟག་གདོང་གིས་ཁྱེད་ལ་དྲོ་སྐྱིད་སྦྱིན”ཞེས་པའི་ཡུལ་སྐོར་སྤུས་རྟགས་ཧུར་ཐག་གཏོད་པ། སྟག་གདོང་གི“ཁུལ་ཡོངས་དང་དུས་ཚིགས་ཚང་མར”ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས། སྟག་གདོང་གྲོང་ཚོའི“ཐོན་ལས་དར་རྒྱས”ཀྱི་རྨང་གཞི་བརྟན་དུ་ཕྱིན་པ་དང་། དགུན་ཁའི་དུས་ཚོད་ཚང་མར་ཡུལ་སྐོར་ལས་གཉེར་བྱས་པ། གཉེར་སྐྱོང་གི་ཕན་འབྲས་བཟང་པོ་ཐོན་པ་བཅས་ལས། སྔོན་དཔག་ལྟར་ན་གྲོང་མིར་ཁེ་སྤོཌ་སྒོར་ཁྲི་80ལྷག་ཙམ་རག་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྐུལ་ཁྲིད་འོག སྟག་གདོང་གྲོང་ཚོའི་གྲོང་མི་སྒོ་འགྲམ་དུ་ལས་གཏོད་དང་ལས་ཞུགས་ཐུབ་ནས་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། སྣེའུ་དང་དམར་ཤང་གྲོང་ཚོའི་དམངས་སྲོལ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིར་ད་ཆ་ལས་མི་93ཡོད་པ་དང་། དེའི་གྲས་སུ་སྟག་གདོང་གྲོང་ཚོའི་གྲོང་མི་65ཡོད་པ་དེས་ས་གནས་དེ་གའི་ལས་མིའི་73%བཟུང་བ་དང་། གླ་ཆའི་ཡོང་འབབ་ཀྱིས་གླ་ཆ་ཆ་ཚང་གི་56%བཟུང་ཡོད། ཀུང་སིས་ལོ་ཁ་ཤས་གསོ་སྐྱོང་བྱས་པ་བརྒྱུད། ལས་སྒོའི་འཇོན་ཐང་ཆེ་བའི་གྲོང་མི་10ལ་དོ་དམ་པའི་ལས་གནས་སྤྲད་ཡོད། ད་ཆ་གྲོང་ཚོའི་ལམ་བུ་ཡངས་ཤིང་རྒྱ་ཆེ་བ་དང་། གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། དེ་བས་དགའ་འོས་པ་ཞིག་ནི་གྲོང་མི་ཚོའི་ཡོང་འབབ་མང་དུ་ཕྱིན་ཡོད། གྲོང་མིར་ཡོང་འབབ་མང་དུ་ཕྱིན་པས་དེ་སྔ་ཕྱིར་གླ་པར་འགྲོ་མཁན་གྱི་གྲོང་མི་མང་པོ་ཞིག་རང་འགུལ་ངང་གྲོང་ཚོར་ལོག་སྟེ་སྒོ་འགྲམ་དུ་ལས་ཞུགས་བྱས་ནས་ཕྱུག་པོའི་ལམ་དུ་སྐྱོད་འདོད་བྱེད་ཀྱི་ཡོད།

    གོམ་སྟབས་རྗེས་མར། སྟག་གདོང་གྲོང་ཚོས“སྔོག་འཐུའི་དུས་ཚིགས”དང“པར་ལེན་དུས་ཚིཌ”“ཆུ་ཚན་དུས་ཚིགས”སོཌ་ཁྱད་ལྡན་ཡུལ་སྐོར་བྱེད་སྒོ་སྤེལ་རྩིས་ཡོད་པ་དང་། གྲོང་གསེབ་ཡུལ་སྐོར་གྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་གྲོང་ཚོའི་ཡུལ་སྐོར་རིན་ཐང་མཐོ་རུ་བཏང་སྟེ་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་དང་པོར་གཏོད་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད།


འགན་ཁུར་རྩོམ་སྒྲིག བསྟན་ནོར།

བཤེར་ནས་ལག་ཐོགས་ཁ་པར་གྱི་ཁ་ཕྱེ།