མིག་སྔའི་གནས་ས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། / བརྙན་རིས།

བརྙན་ཐུང་། བོད་ཀྱི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་གྲོང་ཚོ་སྟར་སྟོང་གྲོང་ཚོར་ལྟ་བ།

ཁྱབ་བསྒྲགས་དུས་ཚོད། 2019-08-07 17:20
ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ།
ཆེ། འབྲིང་།ཆུང་།


ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས།བོད་ལྗོངས་ལྷ་ས་གྲོང་ཁྱེར་སྣེའུ་ཤང་སྟར་སྟོང་གྲོང་ཚོ་ནི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་གྲོང་ཚོ་ཞིག་ཡིན་ལ་དེ་སྔ་དབུལ་པོའི་གྲོང་ཚོ་ཞིག་ཀྱང་ཡིན། གྲོང་ཚོ་དེ་ལྷ་སའི་ལྷོ་ནུབ་ཏུ་གནས་པ་དང་རླངས་འཁོར་བསྡད་ཚེ་སྐར་མ་20ཙམ་སོང་ན་ལྷ་ས་གྲོང་ཁུལ་ནང་སླེབས་ཀྱི་ཡོད།

ས་ཆ་དེར་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་ཡོད་པ་མ་ཟད་གནའ་བོའི་གཞིས་ཀའི་རྗེས་ཤུལ་ཡང་ཡོད་ཅིང་། ཆུ་ཚན་དང་ཤིང་འབྲས་འཐོག་པ་སོགས་ཡུལ་སྐོར་རྣམ་གྲངས་ཀྱང་གསར་སྤེལ་བྱེད་བཞིན་ཡོད།

ཉེ་བའི་ལོ་ཤས་རིང་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་གཏིང་ཟབ་པའི་ལོ་རྒྱུས་རིག་གནས། བབ་ཆགས་པའི་ཡུལ་སྲོལ་གོམས་གཤིས་བཅས་ལ་བརྟེན་ནས་ས་ཆ་དེ་གའི་སྲིད་གཞུང་གིས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གནད་སྨིན་དབུལ་སྐྱོར་ལག་ལེན་བསྟར་བས། སྟར་སྟོང་གྲོང་ཚོ་དེ་གྲོང་གསེབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གྱུར་བ་དང་། གྲོང་མི་དང་ཡུལ་སྐོར་བས་གཟའ་མཇུག་སྐབས་གྲོང་ཁྱེར་ཉེ་འདབས་སུ་སྐྱོད་པའི་དགའ་བསུ་ཐོབ་པའི་ལྗོངས་ཁུལ་ཞིག་ཏུ་གྱུར་ཡོད།

གསར་འགོད་པ་བློ་གྲོས་རྒྱ་མཚོ་དང་ཧའེ་ཁྲེང་།

འགན་ཁུར་རྩོམ་སྒྲིག བསྟན་ནོར།

བཤེར་ནས་ལག་ཐོགས་ཁ་པར་གྱི་ཁ་ཕྱེ།