当前位置: 首页 / 新闻 / 专题报道 / 疫情防控 / 政策信息 / 拉萨政策

2020

06/16

17:53

来源:

拉萨市应对疫情工作领导小组办公室

【字体:

浏览量:

标签

拉萨市应对新冠肺炎疫情工作领导小组办公室关于外防输入内防反弹的公告

相关链接:

ཕྱིཡོང་ནད་པར་སྔོན་འགོག་དང་ནང་ཐོན་བསྐྱར་ལོག་ལ་སྔོན་འགོག་བྱ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་ཡམས་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས།

ཕྱི་ཡོང་ནད་པར་སྔོན་འགོག་དང་ནང་ཐོན་བསྐྱར་ལོག་་སྔོན་འགོག་བྱེད་པའི་འཐབ་ཇུས་དོན་འཁྱོལ་སྔར་ལས་ལྷག་པ་བྱས་ཏེ།   རིགས་ཁག་མང་ཚོགས་ཀྱི་ཚེ་སྲོག་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ཏན་ཏན་ཏིག་ཏིག་བྱེད་ཆེད།  ད་ལྟ་སྤྱི་བསྒྲགས་གཏོང་རྒྱུ་གཤམ་གསལ།

༡.རྒྱ་ནག་ནས་ནད་གཞི་གཏན་འཁེལ་བྱུང་བའི་ཏོག་གསར་གློ་ཚད་འགོས་པའི་ནད་པ་དང་།  ནད་རྟགས་ཡོད་མཁན།   རྒྱུ་རྐྱེན་མི་གསལ་བར་ཚ་བ་རྒྱས་མཁན།    ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་དང་འབྲེལ་འདྲིས་བྱེད་མྱོང་མཁན་བཅས་མི་སྣ་རིགས་བཞི་གནས་སྐབས་ལྷ་སར་མ་ཕེབས་རོགས།   རྒྱ་ནག་གི་ཉེན་ཁ་ཆེ་བའམ་འབྲིང་བའ་ཁུལ་གྱི་མི་སྣ་གནས་སྐབས་ལྷ་སར་མ་ཕེབས་རོགས།   ཉེ་དུས་ཉིན་༡༤ནང་ཚུན་དུ་ལྷ་སར་སླེབས་པའི་ཉེན་ཁ་ཆེ་བའམ་འབྲིང་བའི་ཁུལ་གྱི་མི་སྣས་རང་འགུལ་ངང་ཁོངས་གཏོགས་སྡེ་ཁུལ་ལམ་ཚན་པར་སྙན་སེང་ཞུ་དགོས་པ་དང་།   ཉེན་ཁ་འབྲིང་བའི་ཁུལ་ནས་ལྷ་སར་ཡོང་མཁན་ལ་དུས་ཡུན་ཉིན་༧གྱི་ལོགས་འབྱེད་ལྟ་ཞིབ་དང་ཉིན་༧གྱི་སྤྱི་ཚོགས་གི་ཐོག་བདེ་ཐང་དོ་དམ་ལག་བསྟར་ནན་པོ་བྱེད་དགོས།  ཉེན་ཁ་ཆེ་བའི་ཁུལ་ནས་ལྷ་སར་ཡོང་མཁན་ལ་དུས་ཡུན་ཉིན་༡༤གཅིག་བསྡུས་གསོ་རིག་ལོགས་འབྱེད་ལྟ་ཞིབ་དང་།   ཉེན་ཁ་ཆེ་བའམ་འབྲིང་བའི་ཁུལ་ནས་ལྷ་སར་ཡོང་མཁན་ལ་ཉིང་རྡུལ་གྱི་སྐྱུར་རྫས་ཞིབ་བཤེར་ཐེངས་གཉིས་ངེས་པར་དུ་བྱེད་དགོས།

༢.གྲོང་མིའི་སྡོད་ཁུལ་དང་གྲོང་ཚོ།   ཚན་པ་བཅས་ཀྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་རྒྱ་ཁྱབ་ངང་སྤེལ་ཏེ།   ཉེན་ཁ་ཆེ་བའམ་འབྲིང་བའི་ཁུལ་ནས་ལྷ་སར་ཡོང་མཁན་ལ་གཅིག་གཏད་གཅིག་གི་ཞབས་ཞུ་སྒྲུབ་དགོས་པ་དང་།   བདེ་ཐང་རྟགས་རིས་ལ་ཞིབ་བཤེར།   གཟུགས་གཞི་བདེ་ཐང་ལ་ཞིབ་བཤེར་བྱེད་དགོས་ལ་བདེ་ཐང་ཞབས་ཞུ་དོ་དམ་གྱི་ཤ་ཚའི་དྲན་སྐུལ་སྤྲོད་དགོས།  

  ༣.ཞིང་ཟོག་ཁྲོམ་ར་དང་ཤ་རིགས་ཁྲོམ་ར་ཁག་གིས་བཟའ་བཅའི་བདེ་འཇགས་ཞིབ་བཤེར་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ།   རྒྱལ་མཚམས་ཕྱི་ནས་འདྲེན་པའི་དངོས་རྫས་ལ་ནད་ཡམས་བརྟག་ཞིབ་བྱེད་ནན་དུ་གཏོང་དགོས།  ཡོང་ཁུངས་གསལ་པོ་མེད་པའི་བཟའ་བཅའི་རིགས་དབོར་འདྲེན་དང་བྲིན་འཚོང་རྩ་བ་ནས་བྱེད་མི་ཆོག   ཉིན་ལྟར་ཉིན་གུང་དང་དགོང་མོ་ཁག་སོ་སོར་དུག་སེལ་གཙང་འཕྱག་ཐེངས་རེ་བྱེད་དགོས།  ཁྲོམ་རའི་ནང་ཡོང་མིས་ཁ་རས་རྒྱག་དགོས་པ་མ་ཟད་ལུས་པོའི་དྲོད་ཚད་ལྟ་བཤེར་ཚད་ལེན་བྱེད་དགོས།

   ༤.ཚོང་གཉེར་བྱེད་པོ་ཁག་གིས་ནད་ཡམས་སྔོན་འགོག་ཚོད་འཛིན་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་།   ལུས་པོའི་དྲོད་ཚད་ལྟ་བ་དང་བདེ་ཐང་རྟགས་རིས་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས།   སྐབས་ཐོག་ལོགས་སུ་འབྱེད་ཡུལ་བཙུགས་ནས་དོགས་ཡོད་མི་སྣ་དུས་ཐོག་ཏུ་ལོགས་སུ་འབྱེད་དགོས།   དོ་དམ་གཙོ་འགན་ཚན་པ་ཁག་གིས་ལས་རིགས་ཀྱི་འཆར་ཅན་ལྟ་སྡོམ་ཡག་པོ་བྱེད་དགོས།   ནད་ཡམས་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་མི་བྱེད་པའམ་ཚོང་གཉེར་སླར་གསོ་བྱ་རྒྱུའི་ཆ་རྐྱེན་མེད་པའི་ཚོང་གཉེར་བྱེད་པོས་ལེགས་བཅོས་བྱེད་པའི་ཐད་ལྟ་སྐུལ་བྱེད་པའམ་ཚོང་གཉེར་བྱེད་མཚམས་འཇོག་ཏུ་འཇུག་དགོས།

༥.སྨན་ཁང་ཁག་གིས་རྒྱལ་ཁབ་ཀྱི་འགོག་སྲུང་ཕྱོགས་སྟོན་སོགས་འབྲེལ་ཡོད་བླང་བྱ་ཚད་ལྡན་གཞིར་བཟུང་།  སྨན་ཁང་ནང་གི་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་།   འཆར་ཅན་གྱི་དུག་སེལ་ལས་དོན་ཡག་པོ་སྒྲུབ་པ།  སྨན་ཁང་ནང་གི་སྔོན་འགོག་ཚོད་འཛིན་བྱ་ཐབས་ཁག་དོན་འཁྱོལ་ཚགས་སུ་ཚུད་པ་བཅས་བྱས་ཏེ།  སྨན་ཁང་ནང་དུ་ནད་ཡམས་འགོ་བའི་གནས་ཚུལ་མི་ཐོན་པ་བྱེད་དགོས།

༦.རྒྱ་ཆེའི་གྲོང་མི་རྣམ་པས་མི་སྒེར་གྱི་འགོག་སྲུང་བསམ་བློ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཏེ།   ཚན་རིག་དང་མཐུན་པའི་སྒོ་ནས་ཁ་རས་རྒྱག་པ་དང་།   ལག་པ་ཡང་སེ་བཀྲུ་བ།   མཁའ་རླུང་འགྲོ་རྒྱུག་ཐུབ་པ།   ཉེན་མེད་བར་ཐག་འཇོག་པ་བཅས་བྱེད་དགོས་པ་དང་།   བསྡུ་རུབ་མི་རྒྱག་པ།   འདུ་འཛོམས་མི་བྱེད་པ།   གཙང་སྦྲ་བྱེད་པའི་གོམས་འདྲིས་བཟང་པོ་རྒྱུན་འཁྱོངས།    སྐྱོན་དང་བྲལ་བའི་འཚོ་བ་སྐྱེལ་སྟངས་དར་སྤེལ།   ཁ་ལག་ཟ་སྐབས་ཉེན་མེད་བློས་འཁེལ་རྒྱུ་ཆ་འདེམས་པ།   ཟས་རིགས་རྗེན་པ་དང་བཙོས་མ་ལོགས་སུ་ཉར་ཚགས་བྱེད་པ།   ཟས་རིགས་ཚོས་པོ་བྱེད་པ།   ཟས་རྗེན་པ་མི་ཟ་བ་བཅས་བྱེད་དགོས།   གལ་ཏེ་ཚ་བ་རྒྱས་པ་དང་གློ་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་ཚེ།   སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་རས་གཅིག་སྤྱོད་མའམ་རིམ་པ་དེ་ཡན་གྱི་ཁ་རས་བརྒྱབ་སྟེ།  ལམ་སེང་གང་ཐག་ཉེ་སའི་ཚ་བ་རྒྱས་མཁན་སྒོ་བསྟེན་སྨན་ཁང་དུ་ལེབ་བཤེར་དང་སྨན་བཅོས་བྱེད་དུ་སྐྱོད་དགོས།  སྨན་པ་བསྟེན་པའི་བརྒྱུད་རིམ་ཁྲོད་སྤྱི་སྤྱོད་འགྲིམ་འགྲུལ་འཕྲུལ་ཆས་ནང་ཞུགས་རྒྱུར་གཡོལ་གང་ཐུབ་གནང་དགོས།                       

   ལྷ་ས་གྲོང་ཁྱེར་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས།   

སྤྱི་ལོ་༢༠༢༠ལོའི་ཟླ་ཚེས་༡༦ཉིན།    

拉萨市应对新冠肺炎疫情工作领导小组办公室关于外防输入内防反弹的公告

为进一步落实“外防输入、内防反弹”防控策略,切实维护各族群众生命安全和身体健康,现公告如下:

1.请内地确诊的新冠肺炎患者、疑似患者、不明原因发热人员、确诊患者密切接触者“四类人员”暂缓来拉;请中高风险地区人员暂缓来拉;近14日内抵达拉萨的中高风险区域人员,请主动向属地社区和单位报告,严格执行中风险区域来拉人员7天隔离观察7天社会健康管理,高风险区域来拉人员14天集中医学隔离留观,中高风险区域来拉人员2次核酸检测应检尽检

2.居民小区、村和单位广泛开展爱国卫生运动,对中高风险区域来拉返拉人员实行“一对一”服务,进行健康码查验、健康状况检查,发放健康服务管理温馨提示。

3.农贸市场、鲜市场要加大食品安全检测力度,强化入境物资检疫,严禁运输销售不明来源食材,每天中午和晚上消杀一次,进入市场人员需佩戴口罩并接受体温检测。

4.各类经营主体要严格落实疫情防控责任,严格执行测温和健康码扫码制度,设置临时隔离场所,及时隔离上报可疑人员。各主管部门要做好行业日常监管,对不落实疫情防控措施或不具备恢复营业条件的经营主体,监督其整改或勒令停业。

5.各类医疗机构要严格按照国家防护指南等相关规范要求,加强院内感染防控工作,加强日常消杀工作,落实落细院感防控措施,杜绝院内感染发生。

6.广大市民时刻保持个人防护意识,科学佩戴口罩,勤洗手、常通风、保持安全社交距离;不扎堆、不聚会,保持良好的卫生习惯,倡导健康生活方式用餐时,选择安全放心原料,生熟食材分开存放,食物烧熟煮透,不吃生食。如出现发热、咳嗽等症状,请佩戴一次性医用口罩及以上级别口罩,及时到就近的发热门诊进行排查和诊疗,就医过程尽量避免乘坐公共交通工具。

拉萨应对疫情工作领导小组办公室

2020616

责任编辑:黄炳栋

【我要纠错】【打印本文】【关闭】

感谢您对拉萨市人民政府网的关注,如发现内容有误,请发送邮件至:lssysqgk@163.com

X

扫一扫在手机打开当前页

扫一扫在手机打开当前页

点赞

收藏