མིག་སྔའི་གནས་ས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། / ཆ་འཕྲིན་ཡོངས་བསྒྲགས། / སྲིད་ཇུས་ཡིག་ཆ།

བོད་ལྗོངས་ཀྱིས་དྲ་ཐོག་ནས་ལས་མི་བསྡུས་ཏེ་སློབ་ཆེན་སློབ་མའི་ལས་ཞུགས་ལ་རམ་འདེགས་བྱས་པ།

ཁྱབ་བསྒྲགས་དུས་ཚོད། 2020-04-13 17:39
ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
ཆེ། འབྲིང་།ཆུང་།

མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་ཆེད། འདི་ལོ་ཚུན་དུ། རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། “ཉིན་བརྒྱར་དྲ་ཐོག་ནས་ལས་མི་སྟོང་བསྡུ་བའི”ཆེད་དོན་བྱེད་སྒོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་དྲ་ཐོག་ནས་ལས་མི་བསྡུ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། མི་རིང་བར། མཐོ་སློབ་སློབ་ཐོན་སློབ་མའི་དྲ་ཐོག་ལས་མི་བསྡུ་བའི་ཆེད་དོན་འདུ་ཚོཌ་ཁག་དང་པོ་དང་གཉིས་པ་བདེ་བླག་ངང་སྤེལ་བ་རེད།

རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ལྗོངས་ནང་ཁུལ་གྱི་གཞུང་ཁོངས་ཁེ་ལས་དང་བོད་དུ་བཅའ་སྡོད་ཀྲུང་དབྱང་ཁེ་ལས་སོགས་ཚན་པ་དང་མཐུན་སྦྱོར་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མར་འཚམ་པའི་ལས་གནས་ལེགས་གྲས་འཚོལ་བསྡུ་དང་ཕྱོགས་བསྡུས་བྱས་ནས་དུས་ཐོག་ཏུ་ལས་གནས་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་རེད། མཐོ་སློབ་སློབ་ཐོན་སློབ་མའི་དྲ་ཐོག་ལས་མི་བསྡུ་བའི་ཆེད་དོན་འདུ་ཚོགས་ཁག་གཉིས་ཀྱིས་ཟླ་3ཚེས་17ཉིན་དང་ཟླ་4ཚེས་1ཉིན་བོད་ལྗོངས་སྤྱི་པའི་ལས་ཞུགས་ལས་མི་བསྡུ་བའི་དྲ་ཐོག་ཏུ་ལས་གནས་ཚང་མ་ཡོངས་བསྒྲགས་བྱས་ཤིང་། ཁྱོན་ཁེ་ལས་470ཡིས་ལས་གནས་5925མཁོ་འདོན་བྱས་པའི་ནང་ཁག་དང་པོར་ཁེ་ལས་179ཡིས་ལས་གནས་ལེགས་གྲས་2875མཁོ་འདོན་བྱས་པ་དང་ཁག་གཉིས་པར་ཁེ་ལས་291གིས་ལས་གནས་3050མཁོ་འདོན་བྱས་པ་ཚུད་ཡོད།

ཟླ་4ཚེས་5བར། མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་དྲ་ཐོག་ལས་བསྡུའི་འདུ་ཚོགས་ཁག་དང་པོའི་ཐོག མཐོ་སློབ་སློབ་ཐོན་སློབ་མ་ཐོ་འགོད་བྱས་ཚད་མི་གྲངས་19204ཟིན་པ་དང་། ལོ་རྒྱུས་མདོར་བསྡུས་སྤྲོད་མཁན་15053ཟིན་པ། ཐོག་མའི་འདོད་མཐུན་ཡི་གེ་འཇོག་མཁན་1167ཟིན་ཡོད། ཁག་གཉིས་པའི་སྡོད་ཁང་དང་། ཡུལ་སྐོར། ཚོང་དོན་བཅས་ཀྱི་ཁྱབ་ཁོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་དྲ་ཐོག་ལས་བསྡུའི་འདུ་ཚོགས་ཐོག་ཐོག་མའི་འདོད་མཐུན་ཡེ་གེ་འཇོག་མཁན་104ཟིན་ཡོད། བོད་ལྗོངས་སྤྱི་པའི་ལས་ཞུགས་ལས་བསྡུའི་དྲ་བར་ཞུགས་ཚད་མི་ཐེངས་ཁྲི་315ཟིན་ཡོད།

གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་མི་སྤྱི་སྡེ་ཚན་གྱིས་ལས་བསྡུའི་ལས་སྟེགས་ཀྱི་བྱེད་ནུས་སྔར་བས་འཐུས་ཚང་དང་ལེགས་སུ་བཏང་སྟེ། ཁེ་ལས་དང་ལས་ཀ་འཚོལ་མཁན་ལ་སྟབས་བདེ་དང་། མགྱོགས་མྱུར། སྤུས་ལེགས་བཅས་ཀྱི་ལས་ཞུགས་ཞབས་འདེགས་ཞུས་ནས་མཐོ་སློབ་སློབ་ཐོན་སློབ་མ་སོགས་ཚོགས་སྤྱི་སྔར་བས་འཐུས་སྒོ་ཚང་བ་དང་སྤུས་ཚད་སྔར་བས་མཐོ་པོས་ལས་ཞུགས་བྱེད་ཆེད་ལས་སྟེགས་དེ་བས་ཡག་པོ་བསྐྲུན་རྒྱུ་རེད།

འགན་ཁུར་རྩོམ་སྒྲིག བསྟན་ནོར།

བཤེར་ནས་ལག་ཐོགས་ཁ་པར་གྱི་ཁ་ཕྱེ།