མིག་སྔའི་གནས་ས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། / ལྷ་སར་སྐྱོད་པ། /  ལྷ་སའི་མཛེས་ལྗོངས། / མཛེས་ལྗོངས་ཁུལ་གསུམ་པ།

༄༅༎ས་མཐོར་འཚོ་གནས་བྱེད་པ།

ཁྱབ་བསྒྲགས་དུས་ཚོད། 2019-11-27 17:13
ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ།
ཆེ། འབྲིང་།ཆུང་།

༄༅༎ས་མཐོར་འཚོ་གནས་བྱེད་པ།

མི་དམངས་དྲ་བའི་འཕྲིན། ཡར་ཀླུང་གཙང་པོའི་དབུས་རྒྱུད་རོང་ཁུལ་གྱི་སྟོན་བསྡུའི་རྗེས་ཀྱི་ནས་ཞིང་ནང་དང་དེ་བཞིན་གཙང་འགྲམ་གྱི་འདམ་རར་དུས་བྱ་འབོར་ཆེན་ཞིག་གིས་འདི་གར་འཚོ་གནས་བྱས་པ་དང་ཟས་འཚོལ་བས། གངས་ལྗོངས་ས་མཐོའི་དགུན་དུས་ཀྱི་དྲོ་སྐྱིད་ལྡན་པའི་རྣམ་པ་གྲུབ་ཡོད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་དུས་བྱ་འཚོ་གནས་ཁུལ་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། རྒྱ་ཆེའི་མང་ཚོགས་ཀྱི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། དུས་བྱའི་འཚོ་གནས་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་པས། དགུན་དུས་བོད་ལྗོངས་སུ་འདབ་ཆགས་ལ་ལྟ་བར་བསྐྱོད་པ་དེའང་བོད་ལྗོངས་སུ་ཡུལ་སྐོར་དུ་སྐྱོད་རྒྱུའི་གདམ་ག་གསར་པ་ཞིག་ཏུ་གྱུར་ཡོད།

འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་ཞིང་ནང་དུ་ཡོད་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།

འགན་ཁུར་རྩོམ་སྒྲིག ཚེ་རིང་།

བཤེར་ནས་ལག་ཐོགས་ཁ་པར་གྱི་ཁ་ཕྱེ།