当前位置: 首页 / 互动 / 热点回应

2020

12/28

16:20

来源:

西藏自治区公安厅

【字体:

浏览量:

标签

拉萨“野狼会”恶势力犯罪集团案(双语)

拉萨“野狼会”恶势力犯罪集团案

一、基本案情

拉萨市公安机关在执法过程中发现,以拉某为首的“野狼会”团伙在拉萨市实施抢劫、盗窃、招摇撞骗、故意伤害等违法犯罪活动,牟取非法利益。经查,犯罪嫌疑人拉某纠集6名不务正业、好吃懒做、堕落成性的不法人员,以摩托车队名义于2016年6月在拉萨密谋成立“野狼会”,并逐渐演变成以拉某为首要分子,成员包括吴某、丁某、尼某、次某、洛某、拉某的恶势力犯罪集团,先后在拉萨实施抢劫、持刀入室抢劫、招摇撞骗、寻衅滋事、故意伤害、盗窃等多起违法犯罪,非法获取手机、平板电脑、电动车、自行车、金项链、金戒指、人民币等物品,全部交由拉某负责销赃,赃款用于“野狼会”成员挥霍。该恶势力犯罪集团还受雇于他人参与打架斗殴。“野狼会”恶势力犯罪集团成员大多属于劣迹前科违法犯罪人员和社会闲散人员,文化程度普遍较低,平均年龄为20岁,长期处于无业状态,均有着相似或共同的社会经历,臭味相同、同流合污,最终走上违法犯罪的道路。

二、处理结果

2019年9月25日,拉萨市城关区人民法院作出刑事判决:

1.被告人拉某犯抢劫罪、故意伤害罪、寻衅滋事罪、盗窃罪,数罪并罚,决定执行有期徒刑11年,并处罚金人民币1.1万元。

2.被告人吴某犯抢劫罪、盗窃罪、寻衅滋事罪,数罪并罚,决定执行有期徒刑17年,并处罚金人民币1.6万元。

3.被告人丁某犯抢劫罪、寻衅滋事罪、故意伤害罪,数罪并罚,决定执行有期徒刑12年5个月,并处罚金人民币1.1万元。

4.被告人尼某犯抢劫罪,判处有期徒刑10年2个月,并处罚金人民币1.1万元。

5.被告人次某甲(旦果)犯抢劫罪,判处有期徒刑9年,并处罚金人民币1万元。

6.被告人次某乙(猴子)犯抢劫罪、盗窃罪,数罪并罚,决定执行有期徒刑5年1个月,并处罚金人民币0.7万元。

7.被告人洛某犯盗窃罪、寻衅滋事罪,数罪并罚,决定执行有期徒刑2年7个月,并处罚金人民币0.1万元。

8.责令被告人拉某、吴某、次某乙(猴子)自判决生效后10日内退赔被害人唐某人民币200元;责令被告人吴某、丁某、尼某、次某甲(旦果)自判决生效后10日内退赔被害人张某人民币700元 ;继续追缴涉案赃物。

三、法律分析

根据最高人民法院、最高人民检察院、公安部、司法部《关于办理黑恶势力犯罪案件若干问题的指导意见》(法发〔2018〕1号)第15条“恶势力犯罪集团是符合犯罪集团法定条件的恶势力犯罪组织,其特征表现为:有三名以上的组织成员,有明显的首要分子,重要成员较为固定,组织成员经常纠集在一起,共同故意实施三次以上恶势力惯常实施的犯罪活动或者其他犯罪活动”规定,拉某纠集吴某等六人成立“野狼会”,并实施抢劫、盗窃、寻衅滋事、故意伤害等违法犯罪活动,对社会稳定和公民人身财产安全造成严重损害,其行为特征符合“恶势力犯罪集团”认定标准。根据《中华人民共和国刑法》相关规定,拉某等恶势力犯罪集团使用暴力、威胁等其他手段,抢取、窃取他人财物以及为寻求刺激、发泄情绪、逞强耍横等非法目的,多次随意实施殴打他人行为均符合抢劫罪、盗窃罪、寻衅滋事罪构成要件。

四、警示教育

1.大多受害人怕遭受打击报复心存顾虑,或存在“多一事不如少一事”、“舍财免灾”心理而选择沉默不报案。启示:当个人利益受到非法侵害时,要选择通过法律途径维护好自身合法权益。要相信党和政府打击犯罪、保护人民的信心和决心;要相信公安机关保护人民人身安全、合法财产安全是始终不变的职责和使命。

2.该恶势力犯罪集团成员文化程度低,平均年龄20岁,多数有违法犯罪前科,甚至有未成年人也牵连其中,长期在网络上观看“暴力、黑社会”等题材影片,致使目无法纪走上违法犯罪道路。

启示:法律意识淡薄,要加大对青少年的普法教育,发挥好家庭、学校、社会对未成年人教育引导等作用,尽最大限度预防未成年人违法犯罪。同时,有关部门有针对性地做好刑满释放人员的教育引导、服务管理等工作,降低重新犯罪率。

(自治区公安厅提供)

ལྷ་སའི་༼སྨྱོ་སྤྱང་ཚོགས་པའི་༽སྟོབས་ཤུགས་ངན་པའི་ཉེས་གསོག་ཚོགས་པའི་གྱོད་གཞི།

དང་པོ། གྱོད་གཞིའི་གནས་ཚུལ་རག་བསྡུས།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལུགས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཤེས་གསལ། ལྷ་ཆེ་གེ་མོས་གཙོས་པའི་༼སྨྱོ་སྤྱང་ཚོགས་པ་༽ཡིས་ལྷ་སར་འཕྲོག་བཅོམ་དང་རྐུ་རྒྱག། གཡོ་ལེན་ཧམ་འཕྲོག། རྐང་བཙུགས་ནས་མི་གཞན་ལ་རྨས་སྐྱོན་བཏོང་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྤེལ་ནས་ཁྲིམས་འགལ་གྱི་ཁེ་བཟང་མང་པོ་ཐོབ། བརྟག་དཔྱད་བྱས་པ་བརྒྱུད་ཁྲིམས་འགལ་ཉེས་གསོག་པ་ལྷ་ཆེ་གེ་མོས་ལས་མེད་འཁྱམ་སྒྱེ་ཡིན་པ་གང་ཞིག་བཟའ་དུས་ཡོང་ལས་དུས་གཡོལ་མཁན་གྱི་མི་ངན་༦བསྡུ་རུབ་བྱས་ཏེ་སྦག་སྦག་རུ་ཁག་གི་མིང་ཐོག་ནས་༢༠༡༦ལོའི་ཟླ་༦ལྷ་སར་གསང་བའི་ཐོག་ནས་༼སྨྱོ་སྤྱང་ཚོགས་པ་༽བཙུགས་ཤིང་། རིམ་ཞིང་ལྷ་ཆེ་གེ་མོས་གཙོས་པའི་ཨོ་ཆེ་གེ་མོ་དང་བསྟན་ཆེ་གེ་མོ། ཉི་ཆེ་གེ་མོ། ཚེ་ཆེ་གེ་མོ། བློ་ཆེ་གེ་མོ། ལྷ་ག་གེ་མོ་བཅས་ཀྱིས་གྲུབ་པའི་ཉེས་གསོག་ཚོགས་པ་ཞིག་ཏུ་ཆགས། ཁོ་ཚོས་སྔ་རྗེས་སུ་ལྷ་སར་འཕྲོག་བཅོམ་དང་གྲི་ཁྱེར་ནས་མི་ཚང་ནང་འཛུལ་ཏེ་འཕྲོག་བཅོམ་བྱེད་པ། གཡོ་ལེན་ཧམ་འཕྲོག་བྱེད་པ། བརྙས་རྐོ་ཟིང་སློང་བྱེད་པ། རྐང་བཙུགས་ནས་མི་གཞན་ལ་རྨས་སྐྱོན་གཏོང་བ།རྐུ་རྒྱག་པ་སོགས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཐེངས་མང་སྤེལ་ནས་ལག་ཐོགས་ཁ་པར་དང་གློག་ཀླད། གློག་འགུལ་རྐང་འཁོར་། རྐང་འཁོར། གསེར་གྱི་སྐེ་རྒྱན། གསེར་གདུབ། མི་དམངས་ཤོག་སྒོར་སོགས་དངོས་རིགས་མང་དག་ཅིག་ཁྲིམས་འགལ་ངང་ཐོབ། དངོས་རིགས་དེ་དག་ལྷ་ཆེ་གེ་མོས་བཙོང་རྒྱུ་འགན་འཁུར་གྱི་ཡོད་པས་བཙོག་དངུལ་དག་༼སྨྱོ་སྤྱང་ཚོགས་པའི་༽ཚོགས་མི་ཚོས་བག་མེད་ངང་སྟོར་བརླག་གཏོང་གི་ཡོད། ཚོགས་པ་འདི་ད་དུང་མི་གཞན་གྱི་གླ་པར་སོང་ནས་རྒྱག་རེས་རྒྱག་རོགས་ཀྱང་བྱེད་ཀྱི་ཡོད། ༼སྨྱོ་སྤྱང་ཚོགས་པའི་༽ཁོངས་མི་མང་ཆེ་བ་ནི་སྔོན་མ་ཉེས་གསོག་བྱེད་མྱོང་བ་དང་སྤྱི་ཚོགས་སྟེང་གི་ལས་མེད་འཁྱམ་སྒྱེ་ཤ་སྟག་ཡིན་པས་རིག་གནས་ཆུ་ཚད་དམའ་ལ་ཆ་སྙོམས་ལོ་ཚད་༢༠ཡས་མས་ཡིན་པས་དུས་རྒྱུན་དུ་ནས་ལས་མེད་འཁྱམ་སྒྱེ་བྱས་ནས་སྡོད་ཀྱི་ཡོད་མཐར་དེ་དག་ཁྲིམས་འགལ་ཉེས་གསོག་གི་ལམ་བུའི་ཐོག་སྐྱོད།

གཉིས་པ། ཁྲིམས་ཐག་བཅད་པའི་འབྲས་བུ།

༢༠༡༩ལོའི་ཟླ་༩ཚེས་༢༥ཉིན་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཉེས་དོན་སྐོར་གྱི་ཁྲིམས་ཆད་བཏང་དོན།

༡.ཞུ་སྦྱོར་ཕྱི་མ་ལྷ་ཆེ་གེ་མོ་གིས་འཕྲོག་བཅོམ་གྱི་ནག་ཉེས་དང་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ནག་ཉེས། བསྙད་རྐོ་ཟིང་སློང་གི་ནག་ཉེས། རྐུ་མ་རྐུས་པའི་ནག་ཉེས་བཅས་བསགས་པས་ནག་ཉེས་དུ་མ་མཉམ་དུ་ཁྲིམས་ཐག་བཅད་དེ་དུས་བཀག་བཙོན་འཇུག་ལོ་༡༡བཟོ་རྒྱུ་དང་ཆབས་ཅིག། དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་༡.༡གཅོད་རྒྱུ།

༢.ཞུ་སྦྱོར་ཕྱི་མ་ཨོ་ཆེ་གེ་མོས་འཕྲོག་བཅོམ་གྱི་ནག་ཉེས་དང་བསྙད་རྐོ་ཟིང་སློང་གི་ནག་ཉེས། རྐུ་མ་རྐུས་པའི་ནག་ཉེས་བཅས་བསགས་པས་ནག་ཉེས་དུ་མ་མཉམ་དུ་ཁྲིམས་ཐག་བཅད་དེ་དུས་བཀག་བཙོན་འཇུག་ལོ་༡༧བཟོ་རྒྱུ་དང་ཆབས་ཅིག། དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་༡.༦གཅོད་རྒྱུ།

༣.ཞུ་སྦྱོར་ཕྱི་མ་བསྟན་ཆེ་གེ་མོ་ཀྱིས་འཕྲོག་བཅོམ་གྱི་ནག་ཉེས་དང་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ནག་ཉེས། བསྙད་རྐོ་ཟིང་སློང་གི་ནག་ཉེས་བཅས་བསགས་པས་ནག་ཉེས་དུ་མ་མཉམ་དུ་ཁྲིམས་ཐག་བཅད་དེ་དུས་བཀག་བཙོན་འཇུག་ལོ་༡༢ཟླ་༥བཟོ་རྒྱུ་དང་ཆབས་ཅིག།  དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་༡.༡གཅོད་རྒྱུ།

༤.ཞུ་སྦྱོར་ཕྱི་མ་ཉི་ཆེ་གེ་མོ་ཀྱིས་འཕྲོག་བཅོམ་གྱི་ནག་ཉེས་བསགས་པས་དུས་བཀག་བཙོན་འཇུག་ལོ་༡༠བཟོ་རྒྱུ་དང་ཆབས་ཅིག་དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་༡.༡གཅོད་རྒྱུ།

༥.ཞུ་སྦྱོར་ཕྱི་མ་ཚེ་ཆེ་གེ་མོ་༼བསྟན་གོ༽གིས་འཕྲོག་བཅོམ་གྱི་ནག་ཉེས་བསགས་པས་དུས་བཀག་བཙོན་འཇུག་ལོ་༩བཟོ་རྒྱུ་དང་ཆབས་ཅིག་དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་༡གཅོད་རྒྱུ།

༦.ཞུ་སྦྱོར་ཕྱི་མ་ཚེ་ཆེ་གེ་མོ་༼སྤྲེའུ་༽གིས་འཕྲོག་བཅོམ་གྱི་ནག་ཉེས་དང་རྐུ་མ་རྐུས་པའི་ནག་ཉེས་བཅས་བསགས་པས་ནག་ཉེས་དུ་མ་མཉམ་དུ་ཁྲིམས་ཐག་བཅད་དེ་དུས་བཀག་བཙོན་འཇུག་ལོ་༥ཟླ་༡བཟོ་རྒྱུ་དང་ཆབས་ཅིག་དངུལ་ཆད་མི་དམངས་ཤོག་སྒོར་༧༠༠༠གཅོད་རྒྱུ།

༧.ཞུ་སྦྱོར་ཕྱི་མ་བློ་ཆེ་གེ་མོ་གྱིས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ནག་ཉེས་དང་རྐུ་མ་རྐུས་པའི་ནག་ཉེས་བཅས་བསགས་པས་ནག་ཉེས་དུ་མ་མཉམ་དུ་ཁྲིམས་ཐག་བཅད་དེ་དུས་བཀག་བཙོན་འཇུག་ལོ་༢ཟླ་༧བཟོ་རྒྱུ་དང་ཆབས་ཅིག་དངུལ་ཆད་མི་དམངས་ཤོག་སྒོར་༡༠༠༠གཅོད་རྒྱུ།

༨.ཞུ་སྦྱོར་ཕྱི་མ་ལྷ་ཆེ་གེ་མོ་དང་ཨོ་ཆེ་གེ་མོ་། ཚེ་ཆེ་གེ་མོ་༼སྤྲེའུ་༽གསུམ་པོས་ཁྲིམས་ཐག་བཅད་པའི་ཉིན་དེ་ནས་བརྩིས་པའི་ཉིན་༡༠ནང་ཚུན་དུ་གནོད་འཚེ་ཕོག་མཁན་ཐང་ག་གེ་མོ་ལ་མི་དམངས་ཤོག་སྒོར་༢༠༠ཕྱིར་སློག་བྱེད་དགོས་རྒྱུའི་བཀའ་དབབ་པ་དང་། ཞུ་སྦྱོར་ཕྱི་མ་ཨོ་ཆེ་གེ་མོ་་དང་བསྟན་ཆེ་གེ་མོ། ཉི་ཆེ་གེ་མོ།  ཚེ་ཆེ་གེ་མོ་༼བསྟན་གོ༽བཞི་པོས་ཁྲིམས་ཐག་བཅད་པའི་ཉིན་དེ་ནས་བརྩིས་པའི་ཉིན་༡༠ནང་ཚུན་དུ་གནོད་འཚེ་ཕོག་མཁན་ཀྲང་ག་གེ་མོ་ལ་མི་དམངས་ཤོག་སྒོར་༧༠༠ཕྱིར་སློག་བྱེད་དགོས་རྒྱུའི་བཀའ་དབབ་དགོས། དེ་བཞིན་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངོས་པོ་དག་མུ་མཐུད་བདའ་འདེད་གཏོང་རྒྱུ།

གསུམ་པ། ཁྲིམས་ལུགས་ཐད་ཀྱི་དབྱེ་ཞིབ།

ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱི་《ནག་གཤེད་སྟོབས་ཤུགས་ཀྱི་ཉེས་གསོག་གྱོད་གཞི་གཉེར་སྐབས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》༼ཁྲིམས་སྤེལ་༼༢༠༡༨༽ཨང་༡༽གྱི་དོན་ཚན་༡༥ནང་༼སྟོབས་ཤུགས་ངན་པའི་ཉེས་གསོག་ཚོགས་པ་ཞེས་པ་ནི་ཉེས་གསོག་ཚོགས་པར་དམིགས་པའི་ཁྲིམས་བཀོད་ཆ་རྐྱེན་ཚང་བའི་སྟོབས་ཤུགས་ངན་པར་ཟེར་ཞིང་། དེའི་ཁྱད་ཆོས་ནི་མི་གསུམ་ཡན་གྱི་ཁོངས་མི་ཡོད་པ་དང་མངོན་གསལ་དོད་པའི་འགོ་གཙོ་ཡོད་པ། ཁོངས་མི་གལ་ཆེན་དག་གཏན་འཇགས་ཡིན་པ། ཁོངས་མི་དག་རྒྱུན་དུ་ནས་མཉམ་དུ་འགྲོགས་པ། ཐུན་མོང་ཐོག་རྐང་བཙུགས་ནས་སྟོབས་ཤུགས་ངན་པས་རྒྱུན་དུ་ནས་སྤེལ་བའི་ཉེས་གསོག་བྱ་སྤྱོད་དམ་ཉེས་གསོག་བྱ་སྤྱོད་གཞན་དག་ཐེངས་གསུམ་ཡན་སྤེལ་མཁན་ཞིག་ལ་ཟེར་༽ཞེས་པའི་གཏན་འབེབས་གཞིར་བཟུང་ལྷ་ཆེ་གེ་གེ་མོས་ཨོ་ཆེ་གེ་མོ་སོགས་མི་དྲུག་ངན་རུབ་བྱས་ནས་༼སྨྱོ་སྤྱང་ཚོགས་པ་༽བཙུགས་ཤིང་། འཕྲོག་བཅོམ་དང་རྐུ་རྒྱག།  བསྙད་བརྐོ་ཟིང་སློང་། རྐང་བཙུགས་ནས་རྨས་སྐྱོན་གཏོང་བ་སོགས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་ནས་སྤྱི་ཚོགས་བརྟན་ལྷིང་དང་སྤྱི་དམངས་ཀྱི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པས། དེ་ཚོའི་བྱ་སྤྱོད་དེ་༼སྟོབས་ཤུགས་ངན་པའི་ཉེས་གསོག་ཚོགས་པ་༽ངོས་འཛིན་བྱེད་པའི་ཚད་གཞི་དང་མཐུན་གྱི་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལྷ་ཆེ་གེ་མོ་སོགས་སྟོབས་ཤུགས་ངན་པའི་ཉེས་གསོག་ཚོགས་པ་དེས་དྲག་ཤུགས་དང་འཇིགས་སྐུལ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་མི་གཞན་གྱི་རྒྱུ་ནོར་འཕྲོག་བཅོམ་དང་རྐུ་ཁྱེར་བྱས་ཤིང་། རང་ཉིད་ཀྱི་བློ་འདོད་ལྟར་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་མི་གཞན་ལ་ཉེས་རྡུང་ཐེངས་མང་བཏང་བའི་བྱ་སྤྱོད་དེ་ཚོ་ཚང་མ་འཕྲོག་བཅོམ་བྱས་པའི་ནག་ཉེས་དང་རྐུ་མ་རྐུས་པའི་ནག་ཉེས། བསྙད་བརྐོ་ཟིང་སློང་བྱས་པའི་ནག་ཉེས་བསགས་པའི་གྲུབ་ཆར་གཏོགས་ཀྱི་ཡོད།

བཞི་པ། ཉེན་ཟོན་སློབ་གསོ།

༡.མི་མང་ཆེ་བས་རང་ཉིད་ལ་འཁོན་ལན་སློག་ཡོང་བསམ་པའི་བསམ་བློ་དང་༼ཁ་ཁ་རོག་བསྡད་ན་ཁ་ཆུ་མེད།༽༼ཆག་སྒོ་བྱུང་ན་བར་ཆད་སེལ་༽ཟེར་བའི་གཏམ་དཔེ་ལྟར་ཉེན་རྟོག་པར་སྙན་སེང་ཞུ་ཡི་མེད། རང་ཉིད་ཀྱི་ཁེ་དབང་ལ་མི་གཞན་གྱིས་ཁྲིམས་འགལ་ངང་གནོད་འཚེ་གཏོང་སྐབས་ཁྲིམས་ལུགས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས། ཏང་དང་སྲིད་གཞུང་གིས་ཉེས་ཅན་པར་རྡུང་རྡེག་གཏོང་བའི་ཆོད་སེམས་ལ་ཡིད་ཆེས་བྱེད་དགོས་པ་དང་། སྤྱི་བདེ་ཚན་པས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་མི་ལུས་བདེ་འཇགས་དང་ཁྲིམས་མཐུན་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲིར་ཡིད་ཆེས་བྱེད་དགོས།

༢. སྟོབས་ཤུགས་ངན་པའི་ཉེས་གསོག་ཚོགས་པའི་ཁོངས་མིའི་རིག་གནས་ཆུ་ཚད་དམའ་ཞིང་། ཆ་སྙོམས་ཀྱི་ལོ་ཚད་༢༠ཡས་མས་ཡིན་པ་དང་། སྔོན་མ་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་མྱོང་ཡོད་པ། དེས་མ་ཚད་ནར་མ་གསོན་པའི་མི་ཡང་དེའི་ནང་ཞུགས་ཡོད། དེ་ཚོས་དུས་རྒྱུན་དུ་ནས་དྲྭ་ཐོག་ཏུ་༼དྲག་ཤུགས་དང་ནག་ཚོགས་༽ཀྱི་བརྗོད་བྱ་ལྡན་པའི་བརྙན་པར་བལྟས་པའི་དབང་གིས་ཁྲིམས་འགལ་ཉེས་གསོག་གི་ལམ་བུར་ཚུད། ཁྲིམས་ལུགས་ཀྱི་འདུ་ཤེས་དམའ་བས་ལོ་ཆུང་གཞོན་ནུ་རྣམས་ལ་ཁྲིམས་ལུགས་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་ཀྱིས་ནར་མ་གསོན་པའི་མིར་སློབ་གསོ་དང་ཁྲིད་སྟོན་སོགས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ནར་མ་གསོན་པའི་མི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་བར་སྔོན་འགོག་བྱེད་དགོས། དེ་དང་ཆབས་ཅིག་ཏུ་འབྲེལ་ཡོད་སྡེ་ཚན་གྱི་དམིགས་པ་ཡོད་པའི་སྒོ་ནས་བཙོལ་གྲོལ་བཏང་བའི་མིར་སློབ་གསོ་ཁྲིད་སྟོན་དང་ཞབས་ཞུ་དོ་དམ་སོགས་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་སླར་ཡང་ཉེས་པ་གསོག་ཚད་ཉུང་དུ་གཏོང་དགོས།

༼རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་མཁོ་འདོན་བྱས།༽

责任编辑:袁忠兵

【打印本文】【关闭】

扫一扫在手机打开当前页

扫一扫在手机打开当前页

点赞

收藏